当前位置: 首页 > 校园新闻 > དགའ་བ་འབུམ་གྱིས་རྒྱལ་སྟོན་བསུ།།བརྩེ་བ་དྲོད་མོས་སློབ་གསོ་སྐྱོང།།

དགའ་བ་འབུམ་གྱིས་རྒྱལ་སྟོན་བསུ།།བརྩེ་བ་དྲོད་མོས་སློབ་གསོ་སྐྱོང།།

2022年05月17日 11:00:02 访问量:160 作者:索南加

  དམེ་ཤུལ་དཀྱིལ་སྙིང་སློབ་གྲྭའིི་༼དགའ་བ་འབུམ་གྱིས་རྒྱལ་སྟོན་བསུ།བརྩེེེེ་བ་དྲོད་མོས་སློབ་གསོ་སྐྱོང།༽ཞེས་པའི་རྒྱལ་སྟོན་བསུ་བའི་སློབ་ཁྲིད་ཀྱི་བྱ་འགུལ་འདི་ཟླ9ཚེས15ནས་འགོ་ཚུགས་ཏེ་ངེད་སློབ་གྲྭའི་ལས་གྲོགས་ཡོངས་ཀྱི་དཀའ་བ་མཉམ་གཞོལ་དང་འབྲས་བུ་མཉམ་ལེན་གྱི་མཛའ་མཐུན་རོགས་རེས་ལ་བསྟེན་ནས་ཚེས27ཉིན་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་སོང་།

  བྱ་འགུལ་གྱི་དམིགས་ཡུལ་ཐོག་མ་ནི་ཇི་ལྟར་བྱས་ན་ད་གཟོད་སློབ་མས་གོ་སླ་བའི་དཔེ་ཁྲིད་ཡག་པོ་ཞིག་ཡོང་ཐུབ་པ་དང་ཇི་ལྟར་བྱས་ན་ད་གཟོད་སློབ་ཁང་སློབ་ཁྲིད་ཀྱི་འབྲས་བུ་ལེགས་པོ་ཞིག་འབྱུང་ཆེད་སློབ་ཁྲིད་ཉན་རེས་ཀྱི་བྱ་འགུལ་འདི་དཔེ་སྟོན་སློབ་ཁྲིད་དང་སྦྱོང་བརྡར་སློབ་ཁྲིད་ཀྱི་རྣམ་པ་རིགས་གཉིས་སུ་བཀར་ཏེ་བསྟུད་མར་གཟའ་འཁོར་གཉིས་རིང་ལ་སྤེལ་བ་ལགས།

  བློ་རྩེ་གཅིག་སྒྲིམ་ངང་སློབ་ཁྲིད་ཉན་པའི་རྣམ་པ།

  སློབ་ཁྲིད་ཀྱི་རྩ་གནད་ལ་རྨང་ལེགས་པོ་ཞིག་འདིང་ཆེད་ཚན་ཁག་རེའི་ཁྲིད་དཔྱོད་ཁང་རེ་ནས་སློབ་ཁྲིད་ཀྱི་ཉམས་མྱོང་དང་བྱང་ཚད་མཐོ་བའིིིིིིིིིིིིིིིིིིིིིི་དགེ་རྒན་དཔེ་ལེགས་ཅན་གཅིག་རེ་བདམས་ཏེ་བསླབ་ཁུར་དགེ་རྒན་ཡོངས་ལ་དཔེ་སྟོན་སློབ་ཁྲིད་གནང་བ་ཡིན།

  གཅིག་ཤེས་ཀུན་གྲོལ་གྱི་དཔེ་སྟོན་སློབ་ཁྲིད།

  དཔེ་སྟོན་སློབ་ཁྲིད་གནང་བ་བརྒྱུད་རྗེས་ཕྱོགས་ཀྱི་སློབ་ཁྲིད་བྱ་བའི་གནད་གང་དག་ལ་ཉམས་འཇོག་དང་དོ་སྣང་བྱ་དགོས་བའི་སྐོར་གྱི་བསམ་ཚུལ་བརྗོད་རེས།

  དཔེ་སྟོན་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་དག་གི་ལྷག་བསམ་ལ་ཡི་རང་བྱ།

  སྤྱིར་དགེ་གྲོགས་ཡོངས་དང་སྒོས་སུ་ལས་གནས་གསར་ཞུགས་ཀྱི་དགེ་རྒན་དག་གི་ཁྲིད་སྟངས་ཀྱི་གོམས་འདྲིས་བྱང་ཚད་སྔར་ལས་མཐོར་འདེགས་དང་བློ་སྐྱེད་ནུས་པ་སྐྱེད་སྲིང་།སྦྱོང་བརྡར་དཔྱིས་ཕྱིན་པ་བཅས་ཐོབ་ཕྱིར་སློབ་ཁྲིད་ཉན་རེས་ཀྱི་བྱ་འགུལ་ཐེངས་གཉིས་པ་སྤེལ་བ་ཡིན།

  དཔེ་སྟོན་སློབ་ཁྲིད་ཀྱི་སྣེ་ཁྲིད་འོག་སྦྱོང་བརྡར་སློབ་ཁྲིད་ཀྱི་རྨང་འདིང་བ།

  ཚན་ཁག་སོ་སོའི་དགེ་གྲོགས་དག་གིས་ལོ་ངོ་མང་པོར་དགེ་རྒན་གྱི་ལས་ལ་གཞོལ་བའི་ཉམས་མྱོང་དང་སྦྲགས་ཏེ།ཁོ་ཚོ་དང་མཉམ་དུ་ཉམས་མྱོང་བརྗེ་རེས་ཀྱིས་སློབ་ཁྲིད་ཀྱི་ལེགས་པའི་དགེ་དང་ཞན་པའི་སྐྱོན་ལ་དབྱེ་ཞིབ་དང་བསམ་ཚུལ་ལྷུག་པོར་བརྗོད་པ་དེས་དུས་ཐོག་ཆར་བའི་དཔེ་ནང་བཞིན་ཕན་འབྲས་བླ་ལྷག་ཐོབ་བྱུང་འདོད།

  བོད་ཡིག་ཁྲིད་དཔྱོད་ཁང་གི་ལས་གྲོགས་ཡོངས་ནས་སློབ་ཁྲིད་ཀྱི་དཔྱད་བརྗོད་སྤེལ་བ།

  གྲངས་རིག་ཁྲིད་དཔྱོད་ཁང་གི་དགེ་གྲོགས་ལྷན་རྒྱས་ནས་སློབ་ཁྲིད་ཀྱི་དཔྱད་བརྗོད་སྤེལ་བ།

  དབྱིན་ཡིག་ཁྲིད་དཔྱོད་ཁང་གི་དགེ་གྲོགས་ལྷན་རྒྱས་ནས་སློབ་ཁྲིད་ཀྱི་དཔྱད་བརྗོད་སྤེལ་བ།

  རྒྱ་ཡིག་ཁྲིད་དཔྱོད་ཁང་གི་ལས་གྲོགས་ཡོངས་ནས་སློབ་ཁྲིད་ཀྱི་དཔྱད་བརྗོད་སྤེལ་བ།

  སློབ་ཁྲིད་དཔྱད་བརྗོད་ཀྱི་དམིགས་ཡུལ་འདི་ངེས་པའི་དོན་དུ་སྨིན་དགོས་ན་རང་གཞན་གྱི་དགེ་སྐྱོན་ཇི་སྙེད་དཔྱད་པ་གསུམ་གྱིས་བརྡར་ཤ་ཡང་ཡང་བཅད་ན་ད་གཟོད་དགེ་སྐྱོན་ལེགས་པར་ངོས་ཟིན་ཐུབ་ཅིང་།ཀུན་སློང་བཟང་པོས་མཐའ་རྒྱན་པའི་ཞི་འཇམ་ངག་གི་སྦྱོར་བས་བསྐྱངས་ན་ཉན་པ་པོ་རྣམས་ཀྱིས་ཀྱང་དགའ་མགུ་ཡི་རང་ཡོང་སྲིད།

  བྱ་འགུལ་གྱི་ཡང་སྙིང་ནི་དོན་གྱི་སྙིང་བོ་ཏིལ་འབྲུ་ཙམ་ལ་རྒྱ་ཆེན་ཕྱི་ཡི་གཟིག་ལྤགས་ངོམ་པའི་ལུགས་དེ་ཙམ་མ་ཡིན་གྱིས་ཉེ་བའི་སྐྱོན་དང་ཕུགས་ཀྱི་གནད་སར་ཡུལ་དངོས་ནས་བསྒྱུར་བཅོས་དང་སེམས་གཏིང་ནས་འབྲས་བུ་རེ་སྨིན་ཨེ་ཐུབ་སྙམ་པ་ཡིན།དམེ་ཤུལ་དཀྱིལ་སྙིང་སློབ་སྟོན་ཁང་ནས།༢༠༢༠ལོའི་ཟླ༩ཚེས༢༧ཉིན།

编辑:索南加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
康巴教学网 教育部 中国现代教育网 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县麦秀镇学区 特此声明。